关键词:
设为首页 | 加入收藏
您当前的位置 : 玉树州新闻网通知公告
青海省群众举报涉枪涉爆违法犯罪线索奖励办法
来源:玉树新闻网
发布时间:2018-08-15 15:32:20
编辑:玉宣

  玉树新闻网讯

  དོན་ཚན་དང་པོ། ཞིང་ཆེན་ཡོངས་ཀྱི་མེ་མདའ་འགད་རྫས་རིགས་ཀྱི་ཁྲིམས་འགལ་ནག་ཉེས་ལ་ཆེད་དུ་ལེགས་བཅོས་བྱེད་པའི་བྱ་འགུལ་གཏིང་ཟབ་སྤེལ་ཞིང་། མེ་མདའ་འགད་རྫས་རིགས་ལ་འབྲེལ་བའི་ནག་ཉེས་ལ་རྒོལ་བའི་བྱ་བའི་ཁྲོད་དུ། རྒྱ་ཆེ་བའི་མང་ཚོགས་རྣམས་རང་འགུལ་གྱིས་ཞུགས་པར་སྐུལ་སློང་བྱས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་གཞི་ལ་སྲུང་སྐྱོང་དང་ཐུན་མོང་གི་བདེ་འཇགས་ལ་འགན་སྲུང་ཡོང་ཆེད། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་པ་དང་རང་རེའི་ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་ནས་ཐབས་ཤེས་འདི་བཞག་པ་ཡིན།

  第一条为深入推进全省打击整治枪爆物品违法犯罪专项行动,鼓励广大群众积极主动参与同涉枪涉爆违法犯罪活动的斗争中来,维护社会治安秩序,保障公共安全,根据有关法律、法规和规定,结合我省实际制定本办法。

  དོན་ཚན་གཉིས་པ། རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས་དང་ལེན་དང་ཞིབ་བཤེར། ལྟ་སྐུལ་བྱས་པ་དང་། དེ་རང་རེའི་ས་ཆ་ནས་བྱུང་བའི་མེ་མདའ་འགད་རྫས་རིགས་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་ཀྱི་གནས་ཚུལ་ཐེར་འདོན་བྱེད་སྐབས་ཐབས་ཤེས་འདི་གོ་སྤྱད་བྱེད་དགོས།

  第二条本办法适用于全省各级公安机关受理、核查、督办的,发生在我省行政区域内的涉枪涉爆违法犯罪案件线索。

  དོན་ཚན་གསུམ་པ། ལས་ཁང་དང་རྩ་འཛུགས། མི་སྒེར་སུ་ཡིན་ཡང་། ཚང་མ་ལ་རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་ལ་མེ་མདའ་འགད་རྫས་རིགས་དང་འབྲེལ་བའི་ཁྲིམས་འགལ་ནག་ཉེས་རྣམས་ཧུར་བརྩོན་གྱིས་ཐེར་འདོན་བྱེད་པའི་འོས་འགན་ཡོད།

  第三条任何单位、组织和个人(以下统称举报人)有义务向全省各级公安机关积极举报涉枪涉爆违法犯罪案件线索。

  དོན་ཚན་བཞི་པ། རང་རེའི་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས་མང་ཚོགས་ཀྱིས་ཉེས་པ་ཐེར་འདོན་བྱས་པར་དང་ལེན་ཡག་པོ་དགོས་ཞིང་། འབྲེལ་ཡོད་བྱ་དགའི་ཐད་ཀྱི་གནས་ཚུལ་རྣམས་གསལ་བཤད་བྱེད་དགོས། གཞན་ཡང་ཐོ་འགོད་ཀྱི་ལམ་ལུགས་ལ་ལག་ལེན་ནན་མོ་དགོས་པ་དང་ཉེས་པ་ཐེར་འདོན་མཁན་ལ་འབྲེལ་གཏུགས་བྱེད་ལུགས་བཅས་ཐོ་འགོད་ལེགས་པོ་དགོས། དུས་ཐོག་ཏུ་བརྟག་དཔྱད་ལེགས་པོ་དགོས་ཞིང་བརྟག་དཔྱད་བྱས་ཚུལ་ཡང་ཉེས་པ་ཐེར་འདོན་མཁན་ལ་གསལ་བཤད་དགོས། ཉེས་པ་ཐེར་འདོན་ཞུ་ཡུལ་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས། ཉེས་པ་ཐེར་འདོན་བྱས་པར་དུས་ཐོག་ཏུ་ཞིབ་དཔྱད་དང་ཐག་གཅོད་བྱེད་དགོས། གྱོད་གཞི་དང་ལེན་བྱས་པའི་ཉིན་ནས་བཟུང་ཟླ་གཅིག་ནང་ནས་སྒྲུབ་ཐུབ་པ་དགོས། གལ་ཏེ་གནས་ཚུལ་རྙོག་འཛིང་ཆེ་བ་ཡིན་ན། རིམ་པ་མཉམ་པའི་སྤྱི་བདེ་ལས་ཁང་གི་འགན་ཁུར་མི་སྣས་ཆོག་མཆན་གནང་འོག །དུས་ཚོད་ཕྱིར་འགྱངས་ཆོག་ཀྱང་ཟླ་གཅིག་ཡན་ཕྱིར་འགྱངས་མི་ཆོག །འོན་ཀྱང་ཕྱིར་འགྱངས་བྱེད་པའི་རྒྱུ་མཚན་གསལ་བཤད་ལེགས་པོ་བྱ་དགོས། རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས་ཉེས་པ་ཐེར་འདོན་མཁན་གྱི་གནས་ཚུལ་དང་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་དགོས། ཉེས་པ་ཐེར་འདོན་མཁན་ལ་ཤ་ལན་སྐོར་མཁན་ལ་ཁྲིམས་བཞིན་ཆད་པ་ནན་མོ་གཅོད་དགོས།

  第四条全省各级公安机关对群众举报线索应当认真受理,告知举报奖励有关事项,严格登记制度,记录举报人联系方式,及时开展核查,并向举报人反馈核查结果。

  受理举报的各级公安机关应当及时核查处理举报事项,自受理之日起1个月内办结;情况复杂的,经本级公安机关负责人批准,可以适当延长核查处理时间,但延长期限不得超过1个月,并告知举报人延期理由。各级公安机关要依法保护举报人的个人信息及人身安全,对打击报复举报人的,依法从严惩处。

  དོན་ཚན་ལྔ་པ། ཉེས་པ་ཐེར་འདོན་གྱི་གནས་ཚུལ་བདེན་པ་ཡིན་ན། འོག་གི་ཚད་གཞི་ལྟར་བྱ་དགའ་སྤྲད་རྒྱུ།

  第五条举报线索经查证属实的,按下列标准予以奖励:

  (གཅིག) འགད་རྫས་རིགས་ཀྱི་ཁྲིམས་འགལ་ནག་ཉེས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་ཚད་གཞི།

  (一)举报爆炸物品违法犯罪奖励标准

  ༡.འགད་རྫས་རིགས་ཁྲིམས་འགལ་ངང་བཟོ་ལས་དང་ཉོ་ཚོང་། སྐྱེལ་འདྲེན། སྦྲགས་སྐུར། ཉར་ཚགས་བཅས་ཐེར་འདོན་བྱས་པར་བདེན་པ་ཡིན་ན་སྒོར་2000ནས50000བར་བྱ་དགའ་ཡོད།

  1.举报非法制造、买卖、运输、邮寄、储存爆炸物品,经查证属实的,视情给予举报人2000元至50000元人民币的奖励。

  ༢.ཁྲིམས་འགལ་ངང་ཤོག་སྦག་བཟོ་ལས་བྱས་པར་ཐེར་འདོན་བྱེད་མཁན་ལ་སྒོར་2000ནས་10000བར་གྱི་བྱ་དགའ་ཡོད། ཁྲིམས་འགལ་ངང་ཤོག་སྦག་ཤོག་སྒམ་(སྒམ་གང་ལ་སྤྱི་རྒྱ་༣༠རེ) ༡༠༠མན་ཉོ་ཚོང་དང་ཉར་ཚགས་བྱེད་པར་ཐེར་འདོན་མཁན་ལ་སྒོར200ནས་2000བར་གྱི་བྱ་དགའ་ཡོད། ཁྲིམས་འགལ་ངང་ཤོག་སྦག་ཤོག་སྒམ་(སྒམ་གང་ལ་སྤྱི་རྒྱ་༣༠རེ) ༡༠༠ཡན་ཉོ་ཚོང་དང་ཉར་ཚགས་བྱེད་པར་ཐེར་འདོན་མཁན་ལ་སྒོར་2000ནས་5000བར་གྱི་བྱ་དགའ་ཡོད། ཁྲིམས་འགལ་ངང་ཤོག་སྦག་སྐྱེལ་འདྲེན་བྱེད་པར་ཐེར་འདོན་མཁན་ལ་སྒོར1000ནས་10000 བར་གྱི་བྱ་དགའ་ཡོད།

  2.举报非法生产烟花爆竹产品,经查证属实的,视情给予举报人2000元至10000元人民币的奖励;举报非法经营、存储烟花爆竹产品100箱(以每箱30公斤为标准箱计)以下,经查证属实的,视情给予举报人200元至2000元人民币的奖励;举报非法经营、存储烟花爆竹产品100箱(以每箱30公斤为标准箱计)以上,经查证属实的,视情给予举报人2000元至5000元人民币的奖励;举报非法运输烟花爆竹产品,经查证属实的,视情给予举报人1000元至10000元人民币的奖励。

  ༣.ཤོག་སྦག་བཟོ་མཁན་ལས་ཁང་གིས་ཁྲིམས་འགལ་སྒྲིག་འགལ་ངང་ཤོག་སྦག་བཙོང་བ་དང་སྐྱེལ་འདྲེན། ཉར་ཚགས། གོ་སྤྱོད་བྱས་པར་ཐེར་འདོན་བྱེད་མཁན་ལ་སྒོར་5000ནས་10000བར་གྱི་བྱ་དགའ་ཡོད།

  3.举报爆破作业从业单位违法、违规销售、运输、储存、使用爆炸物品,经查证属实的,视情给予举报人5000元至10000元人民币的奖励。

  ༤.ལྐོག་ཉར་བྱས་པའི་འགད་རྫས་རིགས་ཁོའོ་1000དང་ཡང་ན་འབར་རྫས་ནག་པོ། ཤོག་སྦག་ཀྱི་རྫས་བཅས་ཁོའོ་3000འམ། ཛ་སྐུད་སྨི་30དང་ལིས་ཀམ་10། ལག་སྒྱོགས་1ཡན་བཅས་ལྐོག་ཉར་བྱས་པར་ཐེར་འདོན་བྱེད་མཁན་ལ་སྒོར་500ནས་5000བར་གྱི་བྱ་དགའ་སྤྲད་རྒྱུ།

  4.举报私藏炸药1000克或黑火药、烟火药3000克,导火索、导爆索、导爆管30米,雷管10枚,地雷、手榴弹1枚以上,经查证属实的,视情给予举报人500元至5000元人民币的奖励。༥.ཁྲིམས་འགལ་ལྐོག་ཉར་བྱས་པའི་དུག་ཆེན་རྫས་འགྱུར་རིགས་ཁོའོ་50ཡན། འགད་རྫས་བཟོ་སླ་བའི་རྫས་སྒྱུར་དངོས་རྫས་ཁོའོ་སྟོང་10ཡན་དང་ལུས་གནོད་དངོས་རྫས་བཅས་ཉར་ཚགས་བྱས་པར་ཐེར་འདོན་བྱེད་མཁན་ལ་སྒོར་2000ནས་20000བར་གྱི་བྱ་དགའ་སྤྲད་རྒྱུ།

  5.举报非法私藏剧毒化学品50克以上、易制爆危险化学品10千克以上或私藏放射性物品,经查证属实的,视情给予举报人2000元至20000元人民币的奖励。

  (གཉིས) མེ་མདའི་ཐད་ཀྱི་ཁྲིམས་འགལ་ནག་ཉེས་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་ཚད་གཞི།

  (二)举报枪支违法犯罪奖励标准

  ༡.ཁྲིམས་འགལ་ངང་མེ་མདའ་བཟོ་བ་དང་ཉོ་ཚོང་བྱས་པར་ཐེར་འདོན་བྱེད་མཁན་ལ་སྒོར་5000ནས་20000བར་གྱི་བྱ་དགའ་སྤྲད་རྒྱུ། མང་ཚོགས་ཀྱིས་ཐེར་འདོན་བྱས་པར་བརྟེན་ནས། ཁྲིམས་འགལ་གྱི་མེ་མདའ་བཟོ་ས་རྩ་མེད་བཏང་ཐུབ་ན། ཐེར་འདོན་མཁན་ལ་སྒོར་10000ནས་30000བར་གྱི་བྱ་དགའ་ཡོད།

  1.举报非法制造、买卖枪支,经查证属实的,视情给予举报人5000元至20000元人民币的奖励;根据群众举报,捣毁非法制贩枪支窝点,视情给予举报人10000元至30000元人民币的奖励。

  ༢.རྔོན་པའི་མེ་མདའ་དང་རྒྱང་འཕེན་ལུས་རྩལ་མེ་མདའ། མེ་རྫས་མེ་མདའ། འདྲ་བཟོས་མེ་མདའ། རང་བཟོས་མེ་མདའ། གསར་བཅོས་མེ་མདའ། བྱེའུ་བོས། ཕུ་བོས། གཞུ་མདའི་མེ་མདའ་སོགས་ཁྲིམས་འགལ་ངང་ཉར་ཚགས་བྱས་པར་ཐེར་འདོན་མཁན་ལ་བྱ་དགའ་སྒོར་5000ནས་50000བར་གྱི་བྱ་དགའ་ཡོད།

  2.举报非法持有猎枪、射击运动枪、火药枪、仿制枪、自制枪、改制枪、小口径枪、气枪、弩1支及以上,经查证属实的,视情给予举报人500元至5000元人民币的奖励。

  ༣.ཁྲིམས་འགལ་ངང་དམག་སྤྱོད་མེ་མདའ་ཉར་ཚགས་བྱས་པར་ཐེར་འདོན་མཁན་ལ་བྱ་དགའི་ཚད་གཞི་ནི། མེ་མདའ་གཅིག་ལ་སྒོར་5000དང་མེ་མདའ་གཉིས་ལ་སྒོར་10000། མེ་མདའ་གསུམ་ཡན་ལ་སྒོར་20000བཅས་བྱ་དགའ་ཡོད། གོང་གི་ཚད་གཞིའི་ཁྲོད་ནས་བཤད་པའི་འགད་རྫས་དང་མེ་མདའ་ནི་སྤྱི་བདེ་ཉེས་དོན་ལག་རྩལ་སྡེ་ཁག་གིས་བརྟག་དཔྱད་གཏན་ཁེལ་བྱས་པའི་རིགས་ལ་གོ ། རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས་ཚད་གཞི་འདི་ལ་བསྟུན་ནས་བྱ་དགའི་ཚད་གཞི་བཞག་ཆོག

  3.举报非法持有、私藏军用枪支的,经查证属实,1支奖励5000元,2支奖励10000元,3支以上的奖励20000元。

  本标准中“以上”均含本数,本标准中所指爆炸物品、枪支应经公安刑事技术部门鉴定确认。各级公安机关可以根据本条规定确定具体奖励标准。

  དོན་ཚན་དྲུག་པ། ཐེར་འདོན་གྱི་གནས་ཚུལ་དེ་དོན་ཚན་ལྔ་པའི་དོན་ཆུང་གཉིས་ཡན་ལ་འབྲེལ་བ་ལྡན་སྐབས། དེ་ལས་བྱ་དགའ་མཐོ་ཤོས་ཀྱི་ཚད་གཞི་ལྟར་བྱ་དགའ་སྤྲད་རྒྱུ། དོན་ཚན་གཅིག་ལ་མི་མང་པོ་དང་ཐེངས་མང་པོས་ཐེར་འདོན་བྱས་པའི་སྐབས། སྤྱིར་བཏང་ཡིན་ན་ཐེར་འདོན་མཁན་ཨང་དང་པོ་དེ་ལ་བྱ་དགའ་སྟེར་རྒྱུ། ཐེར་འདོན་གཏུགས་ཡུལ་གྱི་སྤྱི་བདེ་ལས་ཁང་གིས་ཐེར་འདོན་བྱས་པའི་དུས་ཚོད་དང་གནས་ཚུལ་ཡང་དག་མིན་བཅས་ལ་གཞིགས་ནས་བྱ་དགའ་སྟེར་བའི་སྐོར་གྱི་བསམ་འཆར་བཤད་ཆོག །མི་མང་པོས་ལྷན་དུ་གནས་ཚུལ་གཅིག་ལ་ཐེར་འདོན་བྱེད་སྐབས། གནས་ཚུལ་དེ་དང་འབྲེལ་བའི་བྱ་དགའ་གཅིག་ལས་སྟེར་རྒྱུ་མེད་པས། ཐེར་འདོན་མཁན་རྣམས་ཀྱིས་ནང་གྲོས་བྱས་ནས་བྱ་དགའ་དེ་བགོ་དགོས། ནང་གྲོས་མ་འགྲིག་ན་སྤྱི་བདེ་ལས་ཁང་གིས་བགོ་རོགས་བྱེད་དགོས།

  第六条举报情况涉及第五条所列两项以上情形的,按其中奖励金额高的标准执行,不重复奖励。多人多次举报同一事项的,原则上只奖励首先举报人,也可由受理举报的公安机关根据举报时间、举报信息、准确程度等提出奖励意见。多人联名共同举报同一事项的,按一案进行奖励,由举报人自行协商分配奖金;协商不成的,由负责奖励的公安机关决定。

  དོན་ཚན་བདུན་པ། ཐེར་འདོན་མཁན་གྱིས་སྤྱི་བདེ་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཐེར་འདོན་ཁ་པར་དང་ཡིག་སྒམ་སོགས་བརྒྱུད་ནས་ཐེར་འདོན་བྱེད་ཆོག །ཐེར་འདོན་བྱེད་པར་བདེན་པ་བདེན་ཐུབ་ཡིན་དགོས་པ་དང་དེ་ལ་འགན་ཁུར་ཡང་བྱེད་དགོས། རྫུན་བཟོ་དང་འཁྱོག་བཤད་བྱེད་མི་ཆོག་ཅིང་། གཞན་ལ་མ་ཉེས་ཁག་གཡོགས་དང་གཞན་ལ་གནོད་སྐྱེལ་བའང་མི་ཆོག །མེ་མདའ་དང་འགད་རྫས་རིགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་དང་ཉེས་པ་ཐེར་འདོན་བྱེད་སྐབས། གནས་ཚུལ་དེ་སྤྱི་བདེ་ལས་ཁང་གིས་ཧ་གོ་མེད་པ་དང་། ཡང་ན་ཧ་གོ་ཡང་འབྲེལ་ཡོད་གཏན་འབེབས་བཞིན་དེ་ཐག་གཅོད་བྱས་མེད་ཚེ། ཐེར་འདོན་བྱས་པའི་གནས་ཚུལ་བདེན་པ་ཡིན་ན། ཐབས་ཤེས་འདིའི་དོན་ཚན་ལྔ་པའི་གཏན་འབེབས་ལྟར་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྟེར་དགོས།

  第七条举报人可以通过公安机关公布的举报电话、信箱等方式进行举报。举报人举报事项应当客观真实,并对举报内容真实性负责,不得捏造、歪曲事实,不得诬告、陷害他人。举报人举报的涉枪涉爆违法犯罪案件线索,属于公安机关未发现,或者虽已发现但未按有关规定依法处理,经核查属实的,依据本办法第五条之规定给予举报人奖励。

  དོན་ཚན་བརྒྱད་པ། རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས་མེ་མདའ་དང་འགད་རྫས་ཐད་ཀྱི་ཉེས་བསགས་གྱོད་གཞི་སྐོར་ལ་གནས་ཚུལ་ཞུ་འབུལ་བྱེད་པར་དང་ལེན་དང་ཞིབ་བཤེར། སྒྲུབ་ལྟ། ལན་འདེབས་སོགས་ཀྱི་བྱ་བའི་ལམ་ལུགས་འཛུགས་དགོས་ཞིང་། ཆེད་དུ་མི་སྣ་གཏན་ཁེལ་བྱས་ནས་ལས་འགན་ཡང་སྒྲུབ་ཐུབ་པ་དགོས།

  第八条各级公安机关应当健全涉枪涉爆违法犯罪案件线索举报的受理、核查、督办、答复等工作机制,确定专人,落实责任。

  དོན་ཚན་དགུ་པ། རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གིས་ཐེར་འདོན་གྱི་གནས་ཚུལ་བདེན་མིན་ལ་ཞིབ་བཤེར་བྱས་ནས་བྱ་དགའ་སྟེར་དགོས། རིམ་པ་གོང་མའི་སྤྱི་བདེ་ལས་ཁང་ལ་ཞིབ་བཤེར་ཆོག་འགོད་ཡོང་བར་སྟེར་པ་རྣམས། ཆོག་འགོད་སྤྱི་བདེ་ལས་ཁང་གིས་བྱ་དགའ་སྤྲད་དགོས། ཞིང་ཆེན་སྤྱི་བདེ་ལས་ཁང་གིས་ཐད་ཀར་བདག་གཉེར་བྱས་པ་དང་ཆོག་འགོད་བརྒྱུད་སྤྲོད་བྱས་པའི་ཐེར་འདོན་གྱི་གནས་ཚུལ་དེ་བདེན་པ་ཡིན་ཚེ། གྱོད་གཞི་ཐག་གཅོད་བྱེད་མཁན་སྡེ་ཁག་གིས་《མང་ཚོགས་ཀྱིས་མེ་མདའ་འགད་རྫས་རིགས་དང་འབྲེལ་བའི་ནག་ཉེས་ཐེར་འདོན་བྱེད་པར་བྱ་དགའ་སྤྲད་པའི་ཆོག་འགོད་དྲ་མིག》བྲིས་ནས། ཞིང་ཆེན་སྤྱི་བདེ་ལས་ཁང་ལ་ཞུ་འབུལ་བྱས་ནས་བྱ་དགའ་སྤྲད་དགོས།

  第九条各级公安机关分别负责对查实的举报线索予以奖励,上级公安机关批转核查的,由批转公安机关负责予以奖励。省公安厅直接受理、批转的举报线索被查实的,由案件侦办部门填写《群众举报涉枪涉爆违法犯罪奖励审批表》,报省公安厅予以奖励。

  དོན་ཚན་བཅུ་པ། ཐེར་འདོན་མཁན་ལ་བྱ་དགའ་སྤྲད་པའི་བརྡ་སྦྱོར་འབྱོར་རྗེས་ཀྱི་ཉིན་༣༠ནང་། ནུས་པ་ལྡན་པའི་ཐོབ་ཐང་དཔང་ཡིག་ཁུར་ཏེ་གཏན་ཁེལ་བྱས་པའི་ས་གནས་སུ་ཕྱིན་ནས་བྱ་དགའ་ལེན་དགོས། ཐེར་འདོན་མཁན་ལ་བརྡ་སྦྱོར་བྱེད་མི་ཐུབ་པ་ཡིན་ན། ཐེར་འདོན་བདག་གཉེར་བྱེད་པའི་སྤྱི་བདེ་ལས་ཁང་གིས། གཞི་ཁྱོན་ངེས་རྐྱེན་ནང་ནས་ཁྱབ་བསྒྲགས་བྱེད་དགོས། གལ་ཏེ་གཏན་ཁེལ་བྱས་པའི་དུས་ཚོད་ནང་ནས་བྱ་དགའ་མ་བླངས་ན། བྱ་དགའི་དབང་ཆ་བསྐྱུར་བ་རུ་བརྩི་རྒྱུ་ཡིན། དུས་ཐོག་ཏུ་བྱ་དགའ་ལེན་མི་ཐུབ་པའི་རྒྱུ་མཚན་བཤད་རྒྱུ་ཡོད་ན་དུས་ཚོད་རིང་དུའང་གཏོང་ཆོག

  第十条举报人接到领取奖励的通知后,应当在30日内凭有效身份证件到指定地点领取;无法通知举报人的,受理举报的公安机关可以在一定范围内进行公告。逾期未领取者,视为放弃领奖权利;能够说明理由的,可以适当延长领取时间。

  དོན་ཚན་བཅུ་གཅིག་པ། བྱ་དགའི་སྒོར་མོ་དེ་རིམ་པ་སོ་སོའི་སྤྱི་བདེ་ལས་ཁང་གི་སྔོན་རྩིས་གྲོན་དངུལ་ཁྲོད་དུ་བཞག་ནས་ཐག་གཅོད་དགོས་པ་དང་། བྱ་དགའ་སྤྲད་པའི་ཞིབ་བཤེར་ཆོག་འགོད་ཀྱི་གོ་རིམ་དེ་ངེས་པར་དུ་དམ་པོ་ཡིན་དགོས

  第十一条奖励经费列入各级公安机关预算解决,奖金发放要严格审批程序,规范办理。

  དོན་ཚན་བཅུ་གཉིས་པ། ཐབས་ཤེས་འདི་༢༠༡༨ལོའི་ཟླ་༨པའི་ཚེས་༤ནས་བཟུང་ལག་ལེན་དགོས།

  第十二条本办法自2018年8月4日起施行。

  24小时举报渠道

  ཉིན་མཚན་དབྱེར་མེད་ལ་ཐེར་འདོན་བྱེད་ཆོག་ཐེར་འདོན་ཁ་པར།

  24小时举报热线:

  ཡུལ་ཤུལ་ཁུལ་སྤྱི་བདེ་ཅུའུ་བདེ་འཇགས་ཡན་ལག་རུ་ཁག།

  ༠༩༧༦༨༨༡༩༦༢༤ ༡༨༩༣༥༦༦༣༢༣༧ ༡༨༣༠༩༧༨༥༢༣༠

  玉树州公安局: 09768819624 18935663237 18309785230

  གྲོང་ཁྱེར་དང་རྫོང་སོ་སོའི་འབྲེལ་སྟངས།

  ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུའུ། ༠༩༧༦-༡༡༠ ༡༨༩༩༧༤༦༩༠༠༠

  玉树市公安局: 0976-110 18997469000

  ཁྲི་འདུ་རྫོང་སྤྱི་བདེ་ཅུའུ། ༠༩༧༦-༨༨༦༡༡༧ ༡༨༢༩༧༠༥༥༧༨༩

  称多县公安局: 0976-8861147 18297066789

  ནང་ཆེན་རྫོང་སྤྱི་བདེ་ཅུའུ། ༠༩༧༦-༨༨༧༥༣༠༠ ༡༥༧༢༢༣༦༥༩༩༩

  囊谦县公安局: 0976- 8875300 15722365999

  རྫ་སྟོད་རྫོང་སྤྱི་བདེ་ཅུའུ། ༡༨༩༩༧༤༦༨༡༡༠ ༡༨༩༠༩༧༦༨༦༨༨

  杂多县公安局: 18997468110 18909768688

  འབྲི་སྟོད་རྫོང་སྤྱི་བདེ་ཅུའུ། ༡༡༠ ༡༨༦༠༩༧༦༥༥༨༧

  治多县公安局: 110 18609765587

  ཆུ་དམར་ལེབ་ རྫོང་སྤྱི་བདེ་ཅུའུ། ༠༩༧༦-༨༨༥༡༡༡༠ ༡༨༢༩༧༠༥༧༡༧༧

  曲麻莱县公安局: 0976-8851110 18297067177

相关新闻↓
    [ 返回首页 ] [ 打印 ] [ 关闭窗口 ]  
   
  友情链接 违法和不良信息举报电话:0976-8818752 yszwxb2022@163.com
  玉树旅游网  玉树市新闻网  玉树州党建网  玉树市党建网  治多党建网  曲麻莱党建网  青海省玉树藏族自治州人民政府  称多县人民政府
玉树市人民政府网  囊谦县人民政府  杂多县人民政府  治多县人民政府  曲麻莱县人民政府  玉树藏族自治州人民代表大会常务委员会
青海省囊谦人民法院网  杂多县人大  玉树市人大信息网  玉树藏族自治州环境保护局  玉树州藏医院  玉树文明网  藏地影像
主办:中共玉树州委宣传部  技术支持:青海省互联网新闻中心  青ICP备19000163号-16
免责声明:玉树新闻网由中共玉树州委宣传部主办,青海省互联网新闻中心提供技术支持和域名备案管理。网站内容发布和审核均由玉树州委宣传部负责。